Calling all the Mundgodians in NY & NJ.
The annual Mundgod summer picnic will be held on June 20th at Corona Park. A picnic to reconnect, celebrate, and strengthen the Mundgod community bonds. Everyone is welcome!
༼ མོན་གྷོ་དབྱར་སྐྱིད་མཉམ་འཛོམས་ཆེན་མོའི་གསལ་བསྒྲགས། ༽
࿑ ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་དུ་བཞུགས་པའི་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ།
གུས་འདུད་ཅིང་བརྩེ་བའི་འཚམས་འདྲི་སྔོན་དུ་བསུས་ཏེ་ཞུ་རྒྱུར། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༠ རེས་གཟའ་སྤེན་པའི་ཉིན། སྔར་རྒྱུན་བཞིན་ང་ཚོའི་ལོ་འཁོར་མོན་གྷོ་དབྱར་སྐྱིད་གླིང་ཁ་ཆེན་མོ་ཀོ་རོ་ན་སྐྱེད་ཚལ་དུ་གོ་སྒྲིག་ཞུ་རྒྱུར་སྐབས་དྲུག་པའི་རྒྱུན་ལས་ལྷན་ཚོགས་ནས་སྤྱི་མོས་གཏན་འཁེལ་བྱུང་ཡོད་པ་ལགས་ན།
གཞིས་ཆགས་མོན་གྷོ་བོད་རིགས་གཅིག་པའི་སྤུན་ཟླ་ལྷན་རྒྱས་ཕན་ཚུན་མཛའ་བརྩེའི་གཏམ་གྱི་དགའ་སྟོན་ལ་རོལ་ཞིང་། ལྷད་མེད་དུང་བ་དཀར་པོའི་མཐུན་ལམ་གོང་དུ་སྤེལ་བའི་སྐལ་བཟང་གི་ཉིན་མོར་དུས་ཐོག་ཏུ་ལྷན་རྒྱས་ཞབས་སོར་གང་ལེགས་བསྐྱང་གནང་ཡོང་བར་སྙན་སེང་དང་བཅས་གདན་ཞུ་ཞུ།
མོན་གྷོ་སྐྱིད་སྡུག་སྐབས་དྲུག་པའི་རྒྱུན་ལས་ནས།
Back to All Events
